中文版 设为首页 加入收藏 网站地图 高级搜索
輅︽軦纍︽軻繳︽纀 | 繿輵纀纍︽翿纍 | 繿舙︽輹纀︽臱繳︽輦︽繻繳纈﹀ | 繿舙︽舺繿︽繾繼︽臶軁︽繻軤纋  
::: 推 荐 文 档 :::
·ཡོངས་ཀ
·༄༅།།གད
·繽繼︽翾繼︽繿臘繳纍︽繳繼纍﹀
::: 賮繼︽羜繴︽輹纀 :::
·ཡོངས་ཀ
·༧བདེ་བ
·༄༅བསེ་
·བྱང་ཤམ
·༄༅།།གད
·繳聁纊︽舃繴︽羆︽繳聁纊︽軘臥︽繳繼纍︽臫
·纀繲纍︽繻繿繴︽繿舙︽纃繴︽腇︽繿纇繴︽繻
纊繴繳繼纍:輅︽軦纍︽繳輴︽輥>繳聁纊︽舃繴︽繻羉繼 >
  ︶︹﹀ ﹀ 繻繿繴︽繿輊 ﹀
輨繴︽罶繴纍:  輹纀纍︽繽︽胑:   罺繿︽繿軞繳纍︽輂纍︽轂繻:2014-05-30  

 

༄༅། ། རིགས་དང་དཀྱིལ་འཁོར་ཀུན་གྱི་གཙོ་བོ། འཇིག་རྟེན་ཐམས་ཅད་ཀྱི་མགོན་པོ། འགྲོ་བ་ཡོངས་ཀྱི་འདྲེན་པ། བསྟན་པ་སྤྱིའི་བདག་པོ། སྐྱབས་མཆོག་མཐོང་བ་དོན་ལྡན། ༧ བསེ་སྐུ་འཕྲེང་དྲུག་པ་ཆེན་པོ་རྗེ་བཙུན་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་ནི། བསྟན་པ་ཡང་དར་གྱི་སྐབས་འདིར་མདོ་དབུས་གཙང་གསུམ་གང་ན་བླ་སྤྲུལ་ཇི་སྙེད་ཅིག་བཞུགས་པའི་ཁྲོད་ན་བསྟན་འཛིན་གྱི་རྣམ་ཐར་ཐོས་བསམ་སྒོ་གསུམ། མཁས་པའི་རྣམ་ཐར་འཆད་རྩོད་རྩོམ་གསུམ། དམ་པའི་རྣམ་ཐར་སྡོམ་གསུམ་རྣམ་དག ཆེན་པོའི་རྣམ་ཐར་འཁོར་ལོ་གསུམ་གྱི་ལེགས་མཛད་རྣམས་ཕན་ཚུན་འགྲན་བཞིན་དུ་བདག་གིར་བཞེས་པས། རྒྱུ་སྐར་གྱི་ཁྲོད་ན་ཟླ་བ། རྐང་འཐུང་ཚལ་ན་དཔག་བསམ། གསེར་རིའི་དབུས་ན་ལྷུན་པོ་ལྟ་བུར་བཞུགས་པ་ནི་རྗེ་ཉག་གཅིག་བུར་རྨོངས་པ་ཕྱོགས་ཞེན་གྱི་དབང་ཙམ་མ་ཡིན་པར་མཐའ་དབུས་ཀུན་ལ་རྩོད་མེད་མངོན་སུམ་དུ་གྱུར་བ་ལགས་པས། སྙན་གྲགས་ཀྱི་ནམ་མཁའ་ཁྱབ་པ། འཕྲིན་ལས་ཀྱི་ས་སྟེང་ཁྱབ་པ་ནི་དད་པའི་ཞིང་དང་། བསྟོད་བསྔགས་ཀྱི་ཡུལ་བླ་ན་མེད་པ་ལགས་ལ། ཡང་སྒོས་སུ་ད་ལམ་མཛད་པ་ཆེན་པོ་འདི་ཉིད་ཀྱི་དབང་དུ་བྱས་ན་སྟོང་གཟུགས་ཕྱག་རྒྱ་ཆེན་པོ། ཐུགས་དག་པ་མཆོག་གི་འགྱུར་མེད་བདེ་བ་ཆེན་པོ་གཉིས་ཟུང་དུ་འཇུག་པའི་དཔལ་དང་བོའི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་གྱི་བདག་པོར་སྐུ་བཞེངས་སྟེ། ཆོས་ཕུན་སུམ་ཚོགས་པ་ནི། གཉིས་མེད་དུས་ཀྱི་འཁོར་ལོ་སྨིན་བྱེད་དབང་གི་སྟ་གོན། བྱིས་པ་ལྟར་འཇུག་པའི་དབང་བདུན། གོང་མ་གོང་ཆེན་རྡོ་རྗེ་སློབ་དཔོན་ཆེན་པོའི་དབང་མཐའ་དག་དང་བཅས་སྔོན་དུས་ཀྱི་སྟོན་པ་པོ་ཆོས་རྒྱལ་ཟླ་བ་དང་། རིགས་ལྡན་འཇམ་དབྱངས་གྲགས་པ་སོགས་ཀྱི་དབང་ཀུན་རྫོགས་པར་བསྐུར་བ་དང་ཆ་མཚུངས་པར། ད་ལམ་འཇམ་མགོན་བླ་མའི་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པར་ལུང་གིས་ཟིན་པ་ཁྲི་ཐོག་ང་བཞི་བ་རྒྱལ་མཚན་སེང་གེའི་གདན་ས་ཞྭ་སེར་ཅོད་པཎ་འཆང་བའི་ཆོས་སྡེ་ཆེན་པོ་དགའ་ལྡན་ཆོས་གླིང་དུ། ཕྱོགས་རིས་མེད་ཀྱི་འགྲོ་བ་ཡོངས་ལ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་ཅི་འདོད་དུ་སྩོལ་རྒྱུ་ལགས་ཤིང་། དེ་ལྟར་བོད་ཤིང་རྟ་ལོའི་ཧོར་ཟླ་༥བའི་ཡར་ཚེས་༡༢ཉིན(སྤྱི་ཟླ་༦པའི་ཚེས༩ཉིན )ནས་ཉིན་བཞིའི་རིང་ཡིན་པས། ཕྱོགས་ཡས་མས་ཀྱི་དད་ལྡན་སེར་སྐྱ་ཡོངས་དུས་ལྟར་ཕེབས་པར་ཞུ་ཞུ། །



[收藏] [推荐] [评论(0条)] [返回顶部] [打印本页] [关闭窗口]  
用户名: 新注册) 密码: 匿名评论
评论内容:(不能超过250字,需审核后才会公布,请自觉遵守互联网相关政策法规。
 
 §最新评论
Copyright© 2007-2010 德尔隆文化网, All rights reserved.