中文版 设为首页 加入收藏 网站地图 高级搜索
輅︽軦纍︽軻繳︽纀 | 繿輵纀纍︽翿纍 | 繿舙︽輹纀︽臱繳︽輦︽繻繳纈﹀ | 繿舙︽舺繿︽繾繼︽臶軁︽繻軤纋  
::: 推 荐 文 档 :::
·༄༅།།གད
·︶︹﹀ ﹀ 繻繿繴︽繿輊 ﹀
·繽繼︽翾繼︽繿臘繳纍︽繳繼纍﹀
::: 賮繼︽羜繴︽輹纀 :::
·繿舙︽纃繴︽腇︽繿纇繴︽繻繽纋︽聾繼︽翿纍
·醜繿較︽繿枙︽繳舋繳纍︽繽︽腂︽纀︽臱繼︽
·༄༅བསེ་
·བྱང་ཤམ
·༄༅།།གད
·繳聁纊︽舃繴︽羆︽繳聁纊︽軘臥︽繳繼纍︽臫
·纀繲纍︽繻繿繴︽繿舙︽纃繴︽腇︽繿纇繴︽繻
纊繴繳繼纍:輅︽軦纍︽繳輴︽輥>繳聁纊︽舃繴︽繻羉繼 >
  臰繴纍︽贂︽繻羈︽繿臥︽繿舋纍︽繳耤繼︽翾繼︽胑︽繿舙︽纃繴︽腇︽繿纇繴︽繻繽纋
輨繴︽罶繴纍:  輹纀纍︽繽︽胑:   罺繿︽繿軞繳纍︽輂纍︽轂繻:2021-09-14  
ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གི་སྐུ་དྲིན་རྗེས་དྲནགྱི་ཞུ་ཚིག་བུང་བའི་མགྲིན་དབྱངས།
ཡབ་རྗེ་བློ་བཟང་བླ་མའི་ལུང་རྟོགས་ཆོས །།
བཤད་སྒྲུབ་ཟུང་གི་རྩོལ་བས་ལེགས་འཛིན་པ།།
ཡོན་ཏན་དཔལ་གྱིས་ཀུན་ནས་བརྗིད་པའི་མགོན །།
བློ་ལྡན་མཁས་པའི་གཙུག་ན་ཀུན་ནས་མཛེས།།
མདོ་སྔགས་བསྟན་ལ་སྦྱངས་འདྲིས་ཆེར་སོང་བས།
མ་རིག་ལོག་རྟོག་དྲི་མ་རྒྱང་བསྲིངས་ཏེ།།
གནད་ཀྱི་རྨོངས་མུན་གསལ་བའི་བློ་གྲོས་ཀྱིས།།
ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་བསྒྲེངས།།
བསླབ་ཁྲིམས་གཙང་མའི་ནོར་འཛིན་དཔལ་ཡང་བོར།།།
མཁྱེན་བརྩེའི་ཉིན་བྱེད་འོད་ཀྱིས་དམ་འཁྱུད་པས།།
སྣ་ཚོགས་ཡོན་ཏན་མེ་ཏོག་མགོ་ལྕོག་ལྡེམ།།
དཔྱིད་ཀྱི་དཔལ་མོའི་མཛེས་སྡུག་ཡོངས་སུ་རྫོགས།།
ཐ་སྙད་གཙུག་ལག་ཤེས་བྱའི་མཁའ་དབྱིངས་སུ།།
རིག་པའི་གཤོག་རྩལ་རྒྱས་པའི་འདབ་བཟང་བ།།
གངས་རིའི་ཏོག་དང་ཁོང་གསེང་ཁོར་ཡུག་ཀུན།།
གང་དགར་རྩེན་པའི་རྣམ་འགྱུར་ཅི་ཡང་འཛིན།།
མཁས་རྣམས་དགའ་སྐྱེད་དནྡྲིའི་གཞུང་བཟང་གི།།
བདུད་རྩིའི་རོ་བརྒྱ་འཐུང་བས་ཡིད་མྱོས་ཤིང་།།
སྡེབ་ལེགས་ཚིག་སྦྱོར་ཟེའུ་འབྲུ་སྐྱུགས་པའི་རོ།
ཁོར་ཡུག་ཀུན་ཏུ་འཐུལ་བས་ཤིས་པ་འཕེལ།།
སྙན་ངག་ཡོན་ཏན་ཡན་ལག་བརྒྱད་ལྡན་པའི།།
གཞུང་རྒྱུན་གངས་རིའི་ལྗོངས་སུ་དྲངས་པ་ན།།
ཚངས་སྲས་བཞད་པའི་སྒྲ་དབྱངས་སྒྲོགས་བཞིན་དུ།།
བློ་གསལ་སློབ་བུའི་ཐོས་འཛིན་སིམ་པར་མཛད།།
རིག་པའི་ནོར་གྱིས་དབུལ་བའི་སྤྲང་བོ་དག།།
ཉམ་ཐག་གདུང་བའི་ཡུས་ཀྱིས་སློང་བ་ན།།
འཇུངས་མེད་གཏོང་བའི་བརྩེ་བ་ཆེན་པོའི་སྤྱན།།
རིས་མེད་ཀུན་ལ་གཡོ་བའི་ཡབ་གཅིག་པུ།།
ཆེན་པོ་རྣམས་ཀྱི་དབུས་སུ་ཞུམ་མེད་དུ།།
ཆོས་ཀྱི་རྔ་གསང་མཐོན་པོར་བརྡུང་བའམ།
ཆུང་ངུ་རྣམས་ཀྱི་རེ་བའི་སྙིང་ཁོང་དུ།།
བརྩེ་བའི་དྲོད་ཁོལ་སྦྱིན་པའི་བདག་ཉིད་ཅན།།
དགེ་ལྡན་རིང་ལུགས་བསྟན་པའི་མཛེས་རྒྱན་དང་།།
འདུལ་བའི་བསླབ་པ་བསྟན་པའི་གཞི་མ་དང་།།
ཕྱི་ནང་གྲུབ་མཐའ་གསལ་བའི་མེ་ལོང་སོགས།།
ཕྲ་ཞིབ་གསུང་ངག་འཛམ་གླིང་རྒྱན་དུ་ཤར།།
ལྷག་པའི་ལྷ་ཚོགས་དགྱེས་པའི་བསྟོད་དབྱངས་དང།།
སྐྱེས་ཆེན་དམ་པའི་རྟོགས་བརྗོད་རྣམ་ཐར་དང་།།
ཤིས་ཚིག་ཞུ་ཚིག་སྨོན་ཚིག་སྤྲིངས་ཡིག་སོགས།།
གང་འདོད་གསུང་གི་དངོས་གྲུབ་ཆར་ལྟར་བསྙིལ།།
འགྲོ་དོན་འཕྲིན་ལས་རབ་རྒྱས་གདུགས་དཀར་བོ།།
སྙིང་སྟོབས་ཆེན་པོའི་གསེར་གྱི་ཡུ་བ་བརྟན །།
དགེ་ལེགས་འོད་སྣང་བྱེ་བའི་ཏོག་འཆིང་བ།།
ཕན་བདེའི་གྲིབ་བསིལ་ཡངས་པའི་ས་ཆེན་ཁྱབ།།
ཆོས་སྲིད་ལུགས་གཉིས་ཆུ་གཏེར་ཀློང་ཡངས་སུ།།
འཇིགས་མེད་བགྲོད་ལ་དཔའ་བའི་སྙིང་སྟོབས་དང་།།
ལྷག་བསམ་སྟོབས་ཀྱིས་ཁེངས་པའི་དེད་དཔོན་གྱིས།།
རིག་པའི་དོན་མཐུན་ཚོགས་ཀྱི་དགོས་འདོད་སྐོང་།།
མཚན་ལྡན་བཤེས་ཀྱི་རྣམ་ཐར་ལྷུར་བཞེས་ནས།།
འཆད་ཉན་སྒྲོན་མེའི་འོད་སྣང་ལེགས་སྦར་བས།།
 བློ་གསལ་སློབ་བུའི་སྐར་ཚོགས་མཁའ་མཐའ་རུ།།
རྣམ་པར་བཀྲ་བ་སློབ་གསོའི་གསོས་སུ་སྨིན །།
གངས་ཅན་སློབ་གསོའི་ཉི་གཞོན་མཁར་བཏེགས་པས།།
གངས་ལྗོངས་རིག་གནས་སྲིད་པའི་རྒྱན་དུ་འབར།།
གངས་ཅན་གཞོན་སྐྱེས་རིག་པའི་སྡིངས་ཀར་རྩེན།།
གངས་ལྗོངས་མ་ཡུམ་སྐྱིད་པའི་དཔལ་ལ་རོལ།།
མགོན་འདིའི་མཛད་འཕྲིན་ཕྱོགས་བཅུར་རྒྱས་པ་དང་།།
དཔལ་ལྡན་བླ་མའི་བྱིན་རླབས་མྱུར་འཇུག་དང་།།།
མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་བཅས།།
མཁས་པའི་སྨོན་ཚིག་དོ་ཤལ་ཕྲེང་བའི་རྒྱན།།
དད་སྨོན་དག་པས་སླར་ཡང་སྦྱར་བ་འདིས།།
རྣམ་དཀར་དགེ་ཚོགས་ལྷུན་གྱིས་གྲུབ་པར་སྨོན།།
ཅེས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གི་བུ་སློབ་ཀྱི་གྲལ་མཐར་གནས་པ་གྱི་ན་བ་ལྷ་མཁར་ཚེ་རིང་ནས་དད་སྨོན་དག་པས་སྦྱར་བ་དགེ་གྱུར་ཅིག།།


[收藏] [推荐] [评论(0条)] [返回顶部] [打印本页] [关闭窗口]  
用户名: 新注册) 密码: 匿名评论
评论内容:(不能超过250字,需审核后才会公布,请自觉遵守互联网相关政策法规。
 
 §最新评论
Copyright© 2007-2010 德尔隆文化网, All rights reserved.