中文版 设为首页 加入收藏 网站地图 高级搜索
輅︽軦纍︽軻繳︽纀 | 繿輵纀纍︽翿纍 | 繿舙︽輹纀︽臱繳︽輦︽繻繳纈﹀ | 繿舙︽舺繿︽繾繼︽臶軁︽繻軤纋  
::: 推 荐 文 档 :::
·臰繴纍︽贂︽繻羈︽繿臥︽繿舋纍︽繳耤繼︽翾
·༄༅།།གད
·︶︹﹀ ﹀ 繻繿繴︽繿輊 ﹀
·繽繼︽翾繼︽繿臘繳纍︽繳繼纍﹀
::: 賮繼︽羜繴︽輹纀 :::
·臰繴纍︽贂︽繻羈︽繿臥︽繿舋纍︽繳耤繼︽翾
·༧བདེ་བ
·༄༅བསེ་
·བྱང་ཤམ
·༄༅།།གད
·繳聁纊︽舃繴︽羆︽繳聁纊︽軘臥︽繳繼纍︽臫
·纀繲纍︽繻繿繴︽繿舙︽纃繴︽腇︽繿纇繴︽繻
纊繴繳繼纍:輅︽軦纍︽繳輴︽輥>繳聁纊︽舃繴︽繻羉繼 >
  繿舙︽纃繴︽腇︽繿纇繴︽繻繽纋︽聾繼︽翿纍︽贂︽輎︽耑臥︽興︽羫纍︽︽纀輄枙︽繿
輨繴︽罶繴纍:  輹纀纍︽繽︽胑:繿舙︽纃繴︽﹀   罺繿︽繿軞繳纍︽輂纍︽轂繻:2021-10-04  
བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེའི་ལོ་རྒྱུས་མདོར་བསྡུས། འཇམ་དབྱངས་བླ་མ་བསེ་ཁྲི་རྒན་གྱི་སྐྱེས་པའི་རབས་དྲུག་པ་བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་དཔལ་བཟང་པོ་ནི། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རེབ་གོང་རོང་བོ་སྡེ་བདུན་དུ་གྲགས་པའི་ཡ་གྱལ་ཐེ་བུ་ཞེས་པར་བོད་རབ་བྱུང་བཅུ་དྲུག་པའི་མེ་གླང་སྤྱི་ལོ་1938ལོའི་ཟླ1པོར་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པའི་རྒྱུད་དུ་སྐུ་འཁྲུངས་ཤིང་། ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་སྐུ་ཕྲེང་དགུ་བ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་བསེ་སྐུ་ཕྲེང་ལྔ་བ་བློ་བཟང་འཕྲིན་ལས་རྒྱ་མཚོའི་སྤྲུལ་སྐུར་ཐུགས་ཐག་བཅད། སྔ་ཕྱིར་ཡོངས་ཀྱི་བཤེས་གཉེན་ཆེན་པོ་ཨ་རོལ་རྡོ་རྗེ་འཆང་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་སོགས་སྐྱེས་ཆེན་བཅུ་ཕྲག་མང་པོ་ཚུལ་བཞིན་བསྟེན་ནས་མདོ་སྔགས་ཀྱི་ཟབ་ཆོས་མཐའ་ཡས་པ་གསན་ཞིང་། ཐོས་བསམ་སྒོམ་པའི་རིམ་པ་བརྒྱུད་དེ། འཆད་རྩོད་རྩོམ་གསུམ་གྱིས་མདོ་སྔགས་ཀྱི་བསྟན་པ་ཉི་མ་ལྟར་གསལ་བར་མཛད་ཅིང་བོད་ཁ་བ་ཅན་གྱི་ལྗོངས་འདིའི་བསྟན་པ་ཡང་དར་ལ་བཀའ་དྲིན་ཤིན་ཏུ་ཆེའོ།། དགེ་བྱེད་ཅེས་པའི་ཆུ་སྟག་སྤྱི་ལོ་1962ལོའི་ཟླ་3པ་ནས་རྒྱལ་ཁབ་ཀྱི་ལས་གནས་སུ་ཞུགས་ཏེ། སྔ་ཕྱིར་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་པ། ཀན་སུའུ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་སྤྱི་གཞོན་པ། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བརྒྱད་པ་ནས་སྐབས་བཅུ་བཞི་བར་གྱི་ཀྲུའུ་ཞི་གཞོན་པ། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་༼སྔོན་གྱི་གཙོས་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭ༽སློབ་གཙོ་གཞོན་པ། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སློབ་དཔོན་ཆེན་མོ། སྲིད་གྲོས་ཀན་སུའུ་ཞིང་ཆེན་གྱི་རྒྱུན་ཨུ། ཀན་ལྷོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་སྤྱི་གཞོན་པ་སོགས་ཀྱི་ལས་ཀའི་འགན་བཞེས་ཏེ་ཆོས་སྲིད་ལུགས་གཉིས་ཀྱི་རྣམ་ཐར་བདག་གིར་བཞེས་སོ། ། བསེ་ཚང་རྡོ་རྗེ་འཆང་གི་མི་ཚེ་ཧྲིལ་བོར་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ཞིང་ཏང་ལ་ཡིད་ཆེས་པ། བསླབ་ཁྲིམས་ཚུལ་བཞིན་སྲུང་ཞིང་གཙང་བས། རྒྱལ་གཅེས་ཆོས་གཅེས་ཀྱི་མིག་དཔེར་འོས་པ། རྡོ་རྗེ་འཆང་ཁོང་གིས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་བསྟར་དང་། རྒྱལ་ཁབ་ཀྱི་ཁྲིམས་དང་སྒྲིག་སྲོལ་བརྩི་སྲུང་བྱེད་པ། རང་གིས་སྣེ་ཁྲིད་དེ་ཏང་དང་རྒྱལ་ཁབ་ཀྱི་བཀའ་ཁྲིམས་བརྩི་འཇོག་དང་། མི་དམངས་ཀྱི་ཁེ་ཕན་དང་མི་རིགས་མཐུན་སྒྲིལ། རྒྱལ་ཁབ་གཅིག་གྱུར་ཀྱི་ལས་ལ་འབད་པ་ལྷོད་མེད་བགྱིས་པར་མ་ཟད། རྡོ་རྗེ་འཆང་་ཁོང་ནས་བགྲང་བྱ་བཅུ་ཕྲག་མང་པོར་གོད་ཆག་ལོ་ཟླའི་ཁྲོད་ཀྱི་ལུས་སེམས་མནར་གཅོད་ཀྱི་དུས་སྐབས་ཡིན་ནའང་འདྲ། སངས་རྒྱས་ཀྱི་བསྟན་པ་ཉམས་གསོ་དང་ཆོས་འཆད་སྤེལ་གྱི་གནས་སྐབས་གང་ཞིག་ཡིན་རུང་། གུང་ཁྲན་ཏང་གི་འགོ་ཁྲིད་ལ་རྒྱབ་སྐྱོར་དང་། ཏང་ལ་བློ་དཀར་ཞིང་ཡིད་ཆེས་བརྟན་པ། ཏང་དང་རྒྱལ་ཁབ་ཀྱི་སྐྱིད་སྡུག་མཉམ་ཏུ་མྱོང་བ་སོགས་བསམ་བློ་དང་སྤྱོད་ལམ་གང་ཐད་ནས་ཀྱང་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་དགོངས་པ་གཅིག་མཐུན་ཏུ་བཟུང་བ་ཡིན་ལ། ཁོང་གིས་ནམ་རྒྱུན་ཏུ་སེར་སྐྱ་མང་ཚོགས་ཀུན་ལ་ཏང་དང་རྒྱལ་ཁབ་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ལ་ཡིད་ཆེས་དང་དགའ་བ་སྐྱེ་དགོས་ཚུལ་གྱི་བཀའ་གསུང་ཁྱད་པར་ཅན་མང་དུ་བསྩལ་པ་ཡིན་པས། རྡོ་རྗེ་འཆང་་འདི་བ་ནི་རྙེད་པར་དཀའ་བའི་ཏང་གི་བློས་ཐུབ་ཀྱི་གྲོགས་པོ་བཟང་བོ་ཞིག་ཡིན་པ་མ་ཟད། ང་ཚོ་ཀན་ལྷོ་དང་ཉེ་འཁོར་བོད་ཁམས་ཀྱི་སྤྱི་ཚོགས་འཆམ་མཐུན་དང་བདེ་འཇགས་ལ་ལག་རྗེས་ཆེན་པོ་བཞག་ཡོད་པ་ཡིན་ནོ།། བསེ་ཚང་རྡོ་རྗེ་འཆང་གི་མི་ཚེ་གང་བོར་མི་རིགས་སློབ་གསོའི་བྱ་བར་ཞུགས་ཏེ། སློབ་མ་གསོ་སྐྱོང་གི་མཛད་པ་ཁུར་ཏུ་བཞེས་པས། རིག་གནས་སློབ་གསོའི་ལས་འཁུར་འཛིན་པ་རྣམས་ཀྱི་མིག་དཔེར་འོས་པ་ཡིན། རྡོ་རྗེ་འཆང་ཁོང་ནི་འཆད་རྩོད་རྩོམ་གསུམ་དང་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གྱིས་ཀུན་ནས་ཕྱུག་པས་རང་རེའི་རྒྱལ་ཁབ་ཀྱི་བོད་རིག་པ་ཞིབ་འཇུག་གི་མཁས་པ་ཆེན་པོ་དང་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོ་ཐོག་མར་འཛུགས་མཁན་གྱི་གྲས་དང་། སློབ་གྲྭ་དེའི་བོད་རིག་པ་ཞིབ་འཇུག་དང་བོད་རྒྱ་སྐད་གཉིས་སློབ་གསོའི་རིག་གཞུང་ཞིབ་འཇུག་གི་དཔུང་སྡེའི་སྣེ་ཁྲིད་མཁན་ཀྱང་ཡིན། ཁོང་གིས་སྔ་ཕྱིར་ཕྱག་རྩོམ་མང་པོ་པར་སྐྲུན་བགྱིས་ཤིང་དེང་གི་དུས་འདིར་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྙན་གྲགས་ཤིན་ཏུ་ཆེ་བ་སྟེ། པོད་དགུའི་བདག་ཉིད་ཅན་གྱི་བསེ་ཚང་བློ་བཟང་དཔལ་ལྡན་གྱི་གསུང་འབུམ་ལ་སྤྱི་ལོ་2003ལོར་ཀན་སུའུ་ཞིང་ཆེན་གྱི་ཚན་རིག་གྲུབ་འབྲས་ཀྱི་བྱ་དགའ་ཐོབ་པ་དང་། སྤྱི་ལོ་2015ལོར་རྒྱལ་ཁབ་སློབ་གསོ་པུའུ་ཡི་མཐོ་རིམ་སློབ་གྲྭའི་ཚན་རིག་ཞིབ་འཇུག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ་ཨང་གཉིས་པ་ཐོབ། གསུང་རྩོམ་དེ་དག་ལས་སྙན་འགྲེལ་ཚངས་སྲས་བཞད་པའི་སྒྲ་དབྱངས་ལ་སྤྱི་ལོ་1986ལོར་ཀན་སུའུ་ཞིང་ཆེན་གྱི་ཕུལ་བྱུང་དཔེ་མཛོད་ཀྱི་བྱ་དགའ་དང་། སྤྱི་ལོ་1987ལོར་ཀན་སུའུ་སློབ་གསོ་ཐིན་གྱི་ཕུལ་བྱུང་བསླབ་དེབ་ཀྱི་བྱ་དགའ་གནང་མྱོང་། བསྟོད་པ་བརྒྱ་དང་ལྔ་བཅུ་བ་ལས། ཁྱོད་ནི་ཡོན་ཏན་རྒྱུ་རྣམས་ལ།། མངོན་དགྱེས་འབྲས་བུ་རྣམས་ལ་མིན།། སྒྲུབ་པ་བཟང་པོ་འདི་ཉིད་ཀྱིས།། ཁྱོད་ཀྱི་ཡོན་ཏན་ཕུན་སུམ་ཚོགས།།ཞེས་གསུངས་པའི་སྒྲུབ་པའི་སྙིང་སྟོབས་ཆེན་པོ་ཁུར་ཏུ་བཞེས་ནས་ཀན་ལྷོའི་མི་རིགས་སློབ་གྲྭ་ནས་གཙོས་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭའི་སློབ་གསོ་དང་སློབ་ཁྲིད་ཀྱི་བྱ་བ་ཁུར་ཏུ་བཟུང་ཞིང་ཞོར་ཏུ་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་ཀྱི་གདན་ཞུས་སློབ་དཔོན་ཆེན་མོའི་འགན་འཁྲི་ཁུར་ཏུ་བཞེས་ཏེ་རྒྱ་བོད་ཀྱི་དགེ་ཕྲུག་མང་དུ་བསྐྱངས་ཤིང་། དེ་ལས་རྒྱ་བོད་སྐད་གཉིས་དང་བཅུ་ཕྲག་རིག་གནས་ལ་ནང་བྱན་ཆུད་ཅིང་མཁས་པའི་རྒྱལ་ཐབས་འཛིན་པའང་མང་པོ་བྱོན། སྤྱི་ལོ་1991ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕུལ་བྱུང་མཛད་རྗེས་ཅན་གྱི་ཆེད་མཁས་པའི་བྱ་དགའ་དང་། སྤྱི་ལོ་2017ལོར་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་གི་ཇོ་མོ་གླང་མའི་གཟི་བརྗིད་བྱ་དགའ་དང་། སྤྱི་ལོ་2003ལོར་ཀན་སུའུ་ཞིང་ཆེན་གྱི་ཆེས་ཐོག་མའི་དགེ་རྒན་མིང་གྲགས་ཅན་གྱི་བྱ་དགའ་དང་། སྤྱི་ལོ་2010ལོར་ཀན་སུའུ་ཏང་ཨུ་དང་མི་དམངས་སྲིད་གཞུང་གིས་ཀན་སུའུ་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཕུལ་བྱུང་ཤེས་ལྡན་པའི་གཟི་བརྗིད་ཀྱི་དཔང་ཡིག་སོགས་གནངས། སྔ་རྗེས་སུ་གཙོས་སློབ་འབྲིང་དང་ཅོ་ནེ་ཉིན་པ་ཡུལ་ཚོའི་ལོ་དགུའི་ལམ་ལུགས་ཀྱི་སློབ་གྲྭའི་མཚན་འཛིན་སློབ་གཙོའི་འགན་བཞེས་ཏེ་མཐའ་འཁོབ་འབྲོག་ཁུལ་མི་དམངས་མང་ཚོགས་ལ་ཤེས་ཡོན་པ་གོང་དུ་བཀུར་ཏེ་རིག་གནས་སློབ་གསོ་དར་སྤེལ་གཏོང་བའི་སྤྱི་ཚོགས་ཀྱི་ལུགས་སྲོལ་བཟང་པོ་ཀུན་ནས་སྤེལ་བར་མཛད་པ་དང་། རང་གིས་མ་དངུལ་གྱི་རྐང་བཙུགས་ཏེ་བསེ་ཚང་སློབ་སྐྱོར་རོགས་དངུལ་གྱི་ཚོགས་པ་གསར་བཙུགས་ཀྱིས་རྒྱ་བོད་མི་རིགས་སོ་སོའི་དབུལ་ཕོངས་སློབ་མ་སྟོང་ལྷག་ལ་སློབ་སྐྱོར་རོགས་དངུལ་གནང་ཞིང་། ཀན་ལྷོ་བོད་རིགས་སློབ་གསོ་མ་དངུལ་ཚོགས་པའི་ལས་འཛིན་གཞོན་པ་དང་ལས་འཛིན་པའི་འགན་བཞེས་རིང་སྤྱི་ཚོགས་ལས་རིགས་ཁག་གི་མི་རིགས་སློབ་གསོའི་ལས་དོན་ལ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་དག་གིས་དབུལ་ཕོངས་སློབ་མ་མང་པོར་རོགས་སྐྱོར་བྱས་པས་ཁོ་ཚོའི་སློབ་སྦྱོང་གི་འདུན་པ་ཡོངས་སུ་གྲུབ་པ་སོགས་ངོ་མཚར་རྣམ་ཐར་ཤིན་ཏུ་མང་ངོ་། ། བསེ་ཚང་རྡོ་རྗེ་འཆང་གི་མི་ཚེ་གང་བོར་མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་དང་། དགེ་འདུན་པའི་བསླབ་ཁྲིམས་དག་གཙང་གཏོང་བ། འགྲོ་བ་མང་ཚོགས་ཀྱི་བདེ་སྡུག་ལེགས་པར་བསམ་པས་དམངས་ཀྱི་ཞབས་ཞུ་བའི་མིག་དཔེར་འོས་པ་ཡིན། རྡོ་རྗེ་འཆང་ཁོང་གི་མི་ཚེ་ཧྲིལ་བོར་གྲུབ་མཐའ་རིས་མེད་ཀྱི་མཁས་པའི་དཔེ་ཕྱག་ཏུ་གང་བྱུང་ལ་གཟིགས་རྟོག་དང་ཉམས་བཞེས་གཙོ་བོར་མཛད་པ་ཏེ། མདོ་སྨད་གཙོས་དགའ་ལྡན་ཆོས་གླིང་གི་གདན་རབས་ལེགས་བཤད་ནོར་བུའི་འཕྲེང་བས་མཚོན་དགོན་པའི་གདན་རབས་དང་། སྐྱབས་རྗེ་ཨ་རོལ་རྡོ་རྗེ་འཆང་གི་རྣམ་ཐར་གྱིས་མཚོན་སྔོན་བྱོན་མཁས་པའི་རྣམ་ཐར་གྱི་རིགས་དང་། དགེ་ལྡན་གྲུབ་མཐའ་འཇམ་མགོན་བསྟན་པའི་མཛེས་རྒྱན་གྱིས་མཚོན་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའི་རྣམ་གཞག་སོགས་ཕུལ་བྱུང་བརྩམས་ཆོས་མང་དུ་བརྩམས་ཏེ་བོད་བརྒྱུད་ནང་བསྟན་རིག་གནས་རྒྱུད་འཛིན་དར་སྤེལ་དང་ཀྲུང་ཧྭ་རིག་གནས་ལོ་རྒྱུས་ཀྱི་དོན་གྱི་སྙིང་བོ་འདོན་སྤེལ་དང་ཀྲུང་ཧྭ་མི་རིགས་ཕུང་བོ་གཅིག་ཏུ་གྲུབ་པའི་ལོ་རྒྱུས་ཡུན་རིང་བ་དང་མི་རིགས་ཕན་ཚུན་བར་འགྲོ་འོང་དང་འབྲེལ་འདྲིས་ཀྱི་ལོ་རྒྱུས་གཏམ་རྒྱུད་ཀུན་ལ་བསྒྲགས་པས་སྔ་ཕྱིར་ཐེངས་གཉིས་ལ་ཀན་སུའུ་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྒེར་གྱི་བྱ་དགའ་གནང་མྱོང་། ཁོང་གིས་དགོན་སྡེ་ཁག་གི་བཅའ་ཡིག་མང་པོ་བྲིས་ཏེ་ཁྲིམས་མཐུན་གྱིས་དགོན་སྡེ་དོ་དམ་བྱ་བའི་ལས་ཀར་རོགས་རམ་དང་སྐུལ་འདེད་གཏོང་བ་དང་དགོན་པའི་བཅའ་ཡིག་དང་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རིན་ཐང་གི་ནང་དོན་ཟུང་འབྲེལ་གྱིས་དགོན་སྡེ་ཁག་གི་བསླབ་ཁྲིམས་དག་གཙང་དང་། ཁོང་གིས་ཆོས་སྲིད་ཀྱི་ཁུར་ལྕི་བའི་བར་གསེང་དུ་སྤྱི་ཚོགས་ཀྱི་འགན་ཁུར་ཕྲག་ཏུ་བཞེས་ཏེ་རང་གིས་སྣེ་ཁྲིད་ནས་བུན་ཁྲོན་ས་ཡོམ་དང་འབྲུག་ཆུའི་ཆུ་ལོག་གནོད་ཁུལ་སོགས་སུ་རོགས་དངུལ་དང་བསྔོ་བ་སྨོན་ལམ་བགྱིས་ཏེ་ནང་བསྟན་རིག་གནས་ཀྱི་གཞན་ཕན་སྙིང་སྟོབས་དར་སྤེལ་དང་། རྒྱུན་པར་སེར་སྐྱ་ཐུན་མོང་ལ་ཏང་ལ་དགའ་བའི་མི་དམངས་དང་། ཁྲིམས་བརྩི་བའི་སྤྱི་དམངས། ཚུལ་ཁྲིམས་གཙང་བའི་གྲྭ་བཙུན་ཞིག་བྱ་དགོས་ཚུལ་གྱི་ཁ་བརྡ་སློབ་གསོ་གནང་སྟེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ཏུ་བསྒྱུར་བའི་བརྒྱུད་རིམ་ལ་ནུས་པ་གང་ཡོད་བཏོན་པས། སྤྱི་ལོ་2019ལོའི་ཟླ་བཅུ་བར་ཀྲུང་གོ་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱི་མཉམ་སྒྲུབ་ཀྱིས་གནང་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་འཁོར་བདུན་བཅུ་ལོན་པའི་རྗེས་དྲན་གཟེངས་རྟགས་ཀྱི་བྱ་དགའ་གནང་། བྱ་དགའ་འདི་ནི་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་བདུན་ཅུའི་འབད་འབུངས་ཀྱི་བརྒྱུད་རིམ་ཁྲོད། རྒྱལ་ཁབ་འབྱོར་ཕྱུག་དང་མི་རིགས་འཕེལ་རྒྱས། དམངས་ཀྱི་བདེ་སྐྱིད་ལ་ལག་རྗེས་ཆེ་བའི་རྒྱལ་ཁབ་རིམ་པའི་བྱ་དགའ་ཞིག་ཡིན་ནོ།།་ བསེ་ཚང་རྡོ་རྗེ་འཆང་གི་མི་ཚེ་ཧྲིལ་བོར་ཆབ་སྲིད་ཀྱི་མཁྱེན་རྒྱ་ཡངས་པ། ལས་རིགས་ལ་དགའ་ཞིང་གྲོས་གཞིར་གསལ་འདེབས་ཀྱི་ལས་ཁུར་ཏུ་བཟུང་བས།། སྲིད་ཞུགས་སྲིད་མོལ་གྱི་མིག་དཔེར་འོས་པ་ཡིན། ཁོང་རྡོ་རྗེ་འཆང་ལགས་ཀྱིས་སྐབས་བརྒྱད་པ་ནས་སྐབས་བཅུ་བཞིའི་བར་གྱི་ཀན་ལྷོ་ཁུལ་སྲིད་གྲོས་ཨུ་ཡོན་གྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་པའི་རིང་ལ་ནམ་ཡང་རང་ལ་རེ་བ་ནན་མོ་བཟུང་ནས་ཆབ་སྲིད་གཞུང་ལུགས་དང་། ཁྲིམས་ལུགས་སྲིད་ཇུས་དང་ལས་རིགས་ཀྱི་ཤེས་བྱར་གསན་སྦྱོང་ལེགས་པར་གནང་ཏེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བའི་ཕྱོགས་ཆེ་ས་དང་ལས་ཀའི་གནད་ཁག་ལ། ཐུགས་བསམ་ལེགས་པར་བཞེས་ཏེ་སྲིད་ཞུགས་སྲིད་མོལ་དང་། ཆོས་སྲིད་ཀྱི་གྲོས་གཞི་ཁག་ལ་གསལ་འདེབས་གནད་དུ་ཁེལ་བ་ལན་མང་དུ་བསྩལ་ཅིང་། རང་ཉིད་མི་རིགས་སློབ་གསོའི་བྱ་བར་འདྲིས་ཆ་ཆེ་བར་བརྟེན་ཀན་ལྷོ་ཁུལ་གྱི་སྐད་གཉིས་སློབ་གསོ་དང་། རོང་འབྲོག་ཁུལ་གྱི་གཞི་རྩའི་རྨང་གཞིའི་སློབ་གསོའི་གནས་ཚུལ་གྱི་ཡུལ་དངོས་རྟོག་དཔྱོད་དང་བལྟ་ཞིབ་གཏིང་ཟབ་མོར་བགྱིས་ནས་ཟུར་བལྟའི་རིན་ཐང་ཅུང་མཐོ་བའི་རྟོག་དཔྱོད་སྙན་ཞུ་དང་ཇུས་གཞི་འགའ་ཡང་བཏོན་ཏེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མི་རིགས་སློབ་གསོའི་འཕེལ་རྒྱས་ཀྱི་བྱ་བཞག་ཐད་ཀྱི་ཇུས་གཞི་ལ་ཐག་གཅོད་རང་བཞིན་གྱི་ཟུར་བལྟའི་གྲོས་གཞི་རིན་ཐང་ཅན་མང་པོ་མཁོ་སྤྲོད་བྱས། རྡོ་རྗེ་འཆང་ཁོང་གི་མི་རིགས་ཆོས་ལུགས་ཁྱབ་ཁུངས་ཀྱི་སྐྱེས་ཆེན་དམ་པ་དག་གི་སྙན་གྲགས་ལ་བརྟེན་ནས་འཆམ་མཐུན་བདེ་འཇགས་དང་། གལ་ཆེའི་ལས་གཞི་འཛུགས་སྐྲུན་དང་། ཁོར་ཡུག་ལེགས་བཅོས། དམངས་ཁྲོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཁུལ་ཡོངས་ཀྱི་བྱ་བའི་གཙོ་གནད་ཐད་རང་དཔེ་གཞན་སྟོན་དང་། ནམ་རྒྱུན་སེར་སྐྱ་མང་ཚོགས་ཀྱི་ཁྲོད་དུ་ཞུགས་ནས་ཏང་དང་སྲིད་གཞུང་གི་མི་རིགས་ཆོས་ལུགས་བྱ་བའི་འཐབ་ཇུས་དང་མི་རིགས་མཐུན་སྒྲིལ་སྔོན་ཐོན། སྤྱི་ཚོགས་བདེ་འཇགས་སྲུང་སྐྱོབ། འོས་འགན་སློབ་གསོ། དབུལ་ཐར་འགག་སྒྲོལ། སྐྱེས་ཁམས་སྲུང་སྐྱོབ་སོགས་ཀྱི་སྲིད་ཇུས་ཁྱབ་བསྒྲགས་གཏིང་ཟབ་བགྱིས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་ཏང་གི་བཀའ་བརྩི་བ། ཏང་གི་དྲིན་དྲན་པ། ཏང་གི་རྗེས་སུ་འབྲངས་དགོས་ལུགས་ཀྱི་གསུང་གི་བབ་ལྕི་བ་ལན་དུ་མར་གནངས་པས།ཀན་ལྷོ་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་ཚད་མཐོ་བའི་འཕེལ་རྒྱས་དང་གཏན་བདེ་ཞི་འཇགས་ཀྱི་ལས་ཀར་ནུས་པ་འབུར་དུ་ཐོན་ཡོད་པ་ཡིན་ནོ། ། སྤྱིར་བསེ་རྡོ་རྗེ་འཆང་འདི་བས་མི་ཚེ་ཧྲིལ་བོའི་རྒྱལ་གཅེས་རིང་ལུགས་ཀྱི་ལངས་ཕྱོགས་བརྟན་ཅིང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོབ། མི་རིགས་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སྐུལ་འདེད་དང་། ཆོས་ལུགས་འཆམ་མཐུན་མཉམ་གནས་དང་། སྤྱི་ཚོགས་འཆམ་མཐུན་བདེ་འཇགས་དང་། མི་རིགས་མཐུན་སྒྲིལ་སྔོན་ཐོན་དང་སློབ་གསོའི་ལས་རིགས་འཕེལ་རྒྱས་ལ་བྱས་རྗེས་འབུར་དུ་ཐོན་པ་བཞག་ཡོད་པས་ཏང་དང་སྲིད་གཞུང་གི་ཆོས་ལུགས་ཁྱབ་ཁོངས་ཀྱི་བློས་ཐུབ་གྲོགས་པོ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་ཆོས་ལུགས་པ་དག་གི་ཕུལ་བྱུང་འཐུས་ཚབ་པ་ཞིག་ཡིན་ནོ།། བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་དཔལ་བཟང་པོའི་འདས་མཆོད་བྱེད་སྒོའི་ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་ཁང་ནས། 2021ལོའི་ཟླ་9པའི་ཚེས་3ལ།

[收藏] [推荐] [评论(0条)] [返回顶部] [打印本页] [关闭窗口]  
用户名: 新注册) 密码: 匿名评论
评论内容:(不能超过250字,需审核后才会公布,请自觉遵守互联网相关政策法规。
 
 §最新评论
Copyright© 2007-2010 德尔隆文化网, All rights reserved.